
a registered 501(c)(3) non-profit organization
རྒྱབ་སྐྱོར། Support
དྭངས་བླང་ཞབས་ཞུ།
Become a Volunteer
Kindness and Compassion
བསམ་པ་རྣམ་དག་གིས་ང་ཚོ་དང་མཉམ་དུ་སྤྱི་ཚོགས་ཀྱི་ལས་ཀར་དྭངས་བླང་ཞབས་ཞུར་ཕེབས་པར་དགའ་བསུ་ཞུ།
-
ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ལ་རོགས་རམ།
-
ལས་རིམ་གོ་སྒྲིག་དང་མཐུན་རྐྱེན་སྦྱོར་སྤྲོད།
-
སྤྱི་ཚོགས་ལས་འགུལ་ནང་མཉམ་ཞུགས།
-
གཞོན་སྐྱེས་ཤེས་ཡོན་ལས་གཞིར་རམ་འདེགས།
-
བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་སྐོར་སློབ་སྦྱོང་།
དུས་ཡུན་རིང་ཐུང་གང་འདྲ་ཞིག་གནང་ཐུབ་ཀྱང་དགའ་བསུ་ཞུ། སྔོན་གྱི་ཉམས་མྱོང་མེད་ནའང་འགྲིག གལ་ཏེ་སྐུ་ཉིད་ཕེབས་འདོད་ཡོད་ན་གཤམ་གྱི་ང་ཚོའི་ཚོགས་པར་འབྲེལ་བ་གནང་རོགས། ཐུགས་རྗེ་ཆེ།།
We warmly welcome sincere volunteers to join our community service work with the US Choetrul Monlam. You can help with:
-
Supporting religious ceremonies and events
-
Organizing programs and providing logistical support
-
Participating in community outreach activities
-
Assisting with youth education initiatives
-
Learning about Tibetan Buddhist traditions
We welcome any time commitment you can offer, and no prior experience is necessary. If you are interested in volunteering, please contact us.
Thank you for your interest in supporting our mission!


ཐེབས་རྩའི་ཚོགས་མིར་འཛུལ་བཞུགས།
Become a Member
Blessed with Community
ཨ་རི་ཆོ་འཕྲུལ་སྨོན་ལམ་གྱི་ཐེབས་རྩའི་ཚོགས་མིར་མཉམ་ཞུགས་གནང་སྐྱོང་ཡོང་བ་ཞུ། ཐེབས་རྩའི་ཚོགས་མི་གནང་སྐབས་གཤམ་གསལ་གྱི་ཁེ་ཕན་ཐོབ་རྒྱུ།
-
ལོ་འཁོར་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གི་མཛད་རིམ་འབྱོར་རྒྱུ།
-
རྒྱུན་གཏན་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་གནས་ཚུལ་འབྱོར་རྒྱུ།
-
ཚོགས་པའི་ལོ་འཁོར་སྙན་ཐོ་འབྱོར་རྒྱུ།
-
ཐེབས་རྩའི་ཚོགས་མིའི་དམིགས་བསལ་མཛད་སྒོ་ཁག་ལ་མཉམ་ཞུགས་ཀྱི་གོ་སྐབས་འབུལ་རྒྱུ།
-
ཞར་དང་ཞོར་ལ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་རྒྱུར་ཕན་ཐོགས་ཡོད།
ལོ་འཁོར་ཚོགས་མིའི་ཞལ་འདེབས་ཨ་སྒོར་ 5.00 ནས་འགོ་འཛུགས་ཀྱིས་བློས་བཅད་རང་མོས་ཐོག་འབུལ་འཐུས། ཞལ་འདེབས་ཡོངས་རྫོགས་ཨ་རིའི་ཁྲལ་ཁྲིམས་གཞིར་བཟུང་ཁྲལ་ཆག་ཐོབ་ཀྱི་ཡོད།
Join our spiritual community as a Foundation Member of the US Chotrul Monlam Association Inc. Your membership includes:
-
Regular updates on religious ceremonies and events
-
Notifications of ongoing spiritual activities
-
Annual report of our organization
-
Special access to Foundation Member events
-
Opportunity to generate tremendous merit through your support
Annual membership contributions start at $5.00, and you may choose to give more as per your wishes. All contributions are tax-deductible under U.S. law.

ཞལ་འདེབས། Make a Donation
ཨ་རི་ཆོ་འཕྲུལ་སྨོན་ལམ་ནི་ཨ་རི་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཟིན་པའི་ཁེ་མེད་དགེ་རྩའི་ཚོགས་པ་ཞིག་ཡིན། ང་ཚོས་སྤྱི་ཚོགས་ལ་ཕན་པའི་ཆོས་ཕྱོགས་ཀྱི་མཛད་རིམ་ཆེ་ཆུང་སྣ་མང་སྤེལ་བཞིན་ཡོད། སྐུ་ཉིད་ཀྱི་ཞལ་འདེབས་ཆུང་ཙག་སྒོར་མོ་ 1.00 ཡིན་རུང་མ་འོངས་མི་རབས་གསར་པའི་ཆེད་དུ་རིན་ཐང་ཧ་ཅང་ཆེན་པོ་ཡིན། རྒྱུན་གཏན་ལོ་རེའི་ཞལ་འདེབས་གནང་རྒྱུ་དང་ཡང་ན་དམིགས་བསལ་སྐབས་རེའི་ཞལ་འདེབས་གནང་རྒྱུ་གང་ལའང་དགའ་བསུ་ཞུ།།
ང་ཚོའི་ཚོགས་པར་གནང་བའི་ཞལ་འདེབས་ཡོངས་རྫོགས་ཨ་རིའི་ཁྲལ་ཁྲིམས་གཞིར་བཟུང་ཁྲལ་ཆག་ཐོབ་ཀྱི་ཡོད།
The US Chotrul Monlam Association INC, a registered 501(c)(3) non-profit organization, We organize various religious events and ceremonies that benefit our community. Every donation, starting from just $1.00, makes a meaningful impact on preserving these traditions for future generations. Whether you choose to become an annual donor or make a one-time gift, your support is deeply appreciated.
All donations to our organization are tax-deductible under U.S. law.